སྭ་སྟི། སྤངས་རྟོགས་ཡོན་ཏན་ཚོགས་ཀྱིས་མངོན་བརྗིད་པའི།
ཇི་སྙེད་སྐྱབས་ཡུལ་དམ་པའི་ཚོགས་རྣམས་ཀྱིས།
བྱིན་རླབས་འཆི་མེད་བདུད་རྩིའི་གཟེགས་མ་ཡིས།
དེང་འདིར་དཔལ་ལྡན་བླ་མས་སྲིད་འདི་སྲུངས།
རང་སྣང་འཁྲུལ་བ་ཞིག་པའི་ལམ་བཟང་ལ།
རིང་དུ་འདྲིས་པའི་ཉམས་སྣང་རབ་འབར་ཞིང་།
དེ་ཚུལ་སྟོན་ལ་འཇིགས་མེད་སྤོབས་པ་རྒྱས།
གཞོམ་མེད་རྡོ་རྗེའི་ཁམས་སུ་ཞབས་བརྟན་ཤོག
སྣང་སྟོང་མི་ཕྱེད་རྟེན་ཅིང་འབྲེལ་འབྱུང་བདེན།
དད་དམ་ལྷག་བསམ་མོས་གུས་ནུས་མཐུའི་སྟོབས།
དམ་ལྡན་བསྟན་སྲུང་རྒྱ་མཚོའི་འཕྲིན་ལས་ཀྱིས།
འདོད་དོན་དཔྱིད་ཀྱི་འཁལ་ཡོན་རྒྱས་གྱུར་ཅིག
ཅེས་པ་འདི་ནི་གཙང་སྤྲུལ་འཇིགས་མེད་རྡོ་རྗེའི་ཞབས་བརྟན་སྨོན་ཚིག་འབྲི་དགོས་ཞེས་དད་བསྟན་པ་དར་རྒྱས་ནས་བསྐུལ་ངོར་ཏཱ་ལས་བླ་མ་ཤཱཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོས་རབ་བྱུང་བཅུ་བདུན་པའི་ས་གླང་ཟླ་༥ཚེས་༢༦ཕྱི་ལོ་༢༠༠༩ཟླ་༧ཚེས༡༦ཉིན་སྦྱར་བའོ།
རྒྱལ་རྣམས་བསྟནའགྲོ་དོན་ལ་ངལ་མེད་པ།
འཁོར་བ་མ་སྟོང་བར་དུ་འགྲོ་རྣམས་འདྲེན།
ད་ལྟ་བསྟན་འགྲོའི་དཔལ་གྱུར་གསང་བདག་སྤྲུལ།
འཇིགས་མེད་རྡོ་རྗེའི་ཞབས་པད་བརྟན་གྱུར་ཅིག
ཅེས་སེ་སྤྲུལ་པདྨ་དབང་གྲགས་རྩལ་ནས་བྲིས་པ་དགེ
梭德!
断证功德总集显明耀
尽诸皈处圣者众等等
加持无死甘露之微细
恒怙善处吉祥上师尊
消除迷乱安住贤善道
持久娴熟善受极炽增
执掌无畏圆满之善说
祈愿安住无坏金刚界
现空无别缘起之真谛
敬信胜妙乘上威德力
誓言教护大海之事业
祈愿所欲事业圆盛增。
此是藏哇活佛吉美多吉住世祈愿文,应近侍丹巴达吉之劝请,持达赖喇嘛名者,释迦比丘丹增嘉措于十七胜生土牛年(公历2009年)七月十六日所著。
诸佛救度利生无疲厌
直至轮回未空众引怙
化现怙主吉祥密主尊
吉美多吉莲足祈永驻
此为赛活佛班玛旺扎所著